Friday, May 28, 2021

ལྟུང་བ་ཕྱིར་བཅོས་དང་བྱིན་རླབས།

-

བཅབས་ཉེས་ཕྱིར་བཅོས་ནི།

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དགེ་འདུན་བཙུན་པ་རྣམས་ལྟུང་བ་ཕམ་པའི་སྡེ་དང༌། ལྷག་མའི་སྡེ་དང༌། ལྟུང་བྱེད་ཀྱི་སྡེ་དང༌། སོར་བཤགས་ཀྱི་སྡེ་དང༌། ཉེས་བྱས་ཀྱི་སྡེ་ལ་སོགས་པ་གཞི་བཅུ་བདུན་དང༌། ལུང་རྣམ་འབྱེད་དང༌། ལུང་ཕྲན་ཚེགས་དང༌། གཞུང་དམ་པ་རྣམས་ཀྱི་སྐབས་ནས་འབྱུང་བའི་ཉེས་ལྟུང་བྱུང་བ་བཅབས་པ་རྣམས་ཕྱིར་བཅོས་པའི་ཆོ་ག་ལ་ཐུགས་གཏད་པར་ཞུ།

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཉེས་བྱས་ཀྱི་སྡེ་ཚན་ལས། མི་ཚངས་པར་སྤྱོད་པ་ལ་སོགས་པ་ཕམ་པ་བཞིའི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། སྦྱོར་བའི་སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། བསམས་བཞིན་དུ་ཁུ་བ་འབྱིན་པ་ལ་སོགས་པ་ལྷག་མ་བཅུ་གསུམ་གྱི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། སྦྱོར་བའི་སྦྱོར་པའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། གོས་ཞག་བཅུ་འཆང་སྤང་དང༌། ཤེས་བཞིན་གྱི་བརྫུན་ལ་སོགས་པ་སྤང་ལྟུང་སུམ་ཅུ་དང༌། འབའ་ཞིག་པ་དགུ་བཅུའི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་ཟས་ལེན་པ་ལ་སོགས་པ་སོ་སོར་བཤགས་པ་བཞིའི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་པའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། སྟོད་གཡོགས་དང་སྨད་གཡོགས་ཟླུམ་པོར་མ་བགོས་པ་ལ་སོགས་པ་བསླབ་བྱའི་ཉེས་བྱས་བརྒྱ་དང་བཅུ་གཉིས་ཀྱི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། གཞན་ཡང་གནས་ཀྱི་བླ་མ་མ་བསྟེན་པ་དང༌། བྱ་བ་རྣམས་མ་ཞུས་པར་བྱས་པ་དང༌། རྩོད་པ་ཆོས་ཕྱོགས་སུ་ཞི་བར་མ་བྱས་པ་ལ་སོགས་པ་གཞི་བཅུ་བདུན་དང༌། ལུད་རྣམ་འབྱེད་དང༌། ལུང་ཕྲན་ཚེགས་དང༌། གཞུང་དམ་པ་རྣམས་ཀྱི་སྐབས་ནས་འབྱུང་བའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་དང༌། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང་འགལ་བའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་ལ་སོགས་པ་མདོར་ན་སངས་རྒྱས་ཀྱི་བཅས་པ་དང་འགལ་བ་དང༌། དགེ་འདུན་གྱི་ནང་ཁྲིམས་དང་འགལ་བ་དང༌། རང་བཞིན་གྱི་ཁ་ན་མ་ཐོ་བའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་བཤགས་ཡུལ་ཡོད་བཞིན་དུ་མ་བཤགས་པ་དང༌། དགུང་ཞག་དུ་མར་བཅབས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཉེས་པ་དེ་རྣམས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔ་མཐོལ་ལོ་མི་འཆབ་བོ།། འཆགས་སོ།། ཕྱིན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ།། མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་མི་འགྱུར་བ་ལགས་སོ།།


 ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་ལྟུང་བ་ཕམ་པའི་སྡེ་དང༌། ལྷག་མའི་སྡེ་དང༌། ལྟུང་བྱེད་ཀྱི་སྡེ་དང༌། སོར་བཤགས་ཀྱི་སྡེ་དང༌། ཉེས་བྱས་ཀྱི་སྡེ་ལ་སོགས་པ་གཞི་བཅུ་བདུན་དང༌། ལུང་རྣམ་འབྱེད་དང༌། ལུང་ཕྲན་ཚེགས་དང༌། གཞུང་དམ་པ་རྣམས་ཀྱི་སྐབས་ནས་འབྱུང་བའི་ཉེས་ལྟུང་བྱུང་བ་བཅབས་པ་རྣམས་ཕྱིར་བཅོས་པའི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས།

-

ལྟུང་བ་དངོས་གཞི་ཕྱིར་བཅོས་ནི།

 ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌།དགེ་འདུན་བཙུན་པ་རྣམས་ལྟུང་བ་དངོས་གཞི་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་བར་ཞུ།

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཕམ་པའི་སྡེ་ཚན་ལས། མི་ཚངས་པར་སྤྱོད་པ་ལ་སོགས་པ་ཕམ་པ་བཞིའི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། སྦྱོར་བའི་སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། ལྟུང་བ་ལྷག་མའི་སྡེ་ཚན་ལས། བསམས་བཞིན་དུ་ཁུ་བ་འབྱིན་པ་ལ་སོགས་པ་ལྷགམ་བཅུ་གསུམ་གྱི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། སྦྱོར་བའི་སྦྱོར་བའི་ལྟུང་བ་དང༌།བསླབ་བྱ་དང་འགལ་པའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། ལྟུང་བ་ལྟུང་བྱེད་ཀྱི་སྡེ་ཚན་ལས། གོས་ཞག་བཅུ་འཆང་སྤང་དང༌། ཤེས་བཞིན་གྱི་བརྫུན་ལ་སོགས་པ་སྤང་ལྟུང་སུམ་ཅུ་དང༌། འབའ་ཞིག་པ་དགུ་བཅུའི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། ལྟུང་བསོར་བཤགས་ཀྱི་སྡེ་ཚན་ལས། དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་ཟས་ལེན་པ་ལ་སོགས་པ་སོ་སོར་བཤགས་པ་བཞིའི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། ལྟུང་བ་ཉེས་བྱས་ཀྱི་སྡེ་ཚན་ལས། སྟོད་གཡོགས་དང་སྨད་གཡོགས་ཟླུམ་པོར་མ་བགོས་པ་ལ་སོགས་པ་བསླབ་བྱའི་ཉེས་བྱས་བརྒྱ་དང་བཅུ་གཉིས་ཀྱི་སྡེར་གཏོགས་པའི་དངོས་གཞིའི་ལྟུང་བ་དང༌། སྦྱོར་བའི་ལྟུང་བ་དང༌། བསླབ་བྱ་དང་འགལ་བའི་ཉེས་བྱས་དང༌། དེ་དག་ལ་སེམས་མ་བསྲུངས་པའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། གཞན་ཡང་གནས་ཀྱི་བླ་མ་མ་བསྟེན་པ་དང༌། བྱ་བ་རྣམས་མ་ཞུས་པར་བྱས་པ་དང་། རྩོད་པ་ཆོས་ཕྱོགས་སུ་ཞི་བར་མ་བྱས་པ་ལ་སོགས་པ་གཞི་བཅུ་བདུན་དང༌། ལུང་རྣམ་འབྱེད་དང༌། ལུང་ཕྲན་ཚེགས་དང༌། གཞུང་དམ་པ་རྣམས་ཀྱི་སྐབས་ནས་འབྱུང་བའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་དང༌། སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་དང༌། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང་འགལ་བའི་ཉེས་པ་དཔག་ཏུ་མེད་པ་བྱུང་བ་ལ་སོགས་པ་མདོར་ན་སངས་རྒྱས་ཀྱི་བཅས་པ་དང་འགལ་བ་དང༌། དགེ་འདུན་གྱི་ནང་ཁྲིམས་དང་འགལ་བ་དང༌། རང་བཞིན་གྱི་ཁ་ན་མ་ཐོ་བའི་ཉེས་པ་དཔག་ཏུ་མེད་པ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཉེས་པ་དེ་རྣམས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་མི་འཆབ་བོ།། འཆགས་སོ།། ཕྱིན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ།། མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་མི་འགྱུར་བ་ལགས་སོ།།

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌།དགེ་འདུན་བཙུན་པ་རྣམས་ལྟུང་བ་དངོས་གཞི་ཕྱིར་བཅོས་པའི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། 

-

 ལྟུང་བ་བྱིན་རླབས་ནི། 

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་ལྟུང་བ་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། 

དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་པའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཕམ་པའི་སྡེ་དང༌། ལྷག་མའི་སྡེ་དང༌།ལྟུང་བྱེད་ཀྱི་ས་དང༌། སོར་བཤགས་ཀྱི་སྡེ་དང༌། ཉེས་བྱས་ཀྱི་སྡེ་ལ་སོགས་པ་གཞི་བཅུ་བདུན་དང༌། ལུང་རྣམ་འབྱེད་དང༌། ལུང་ཕྲན་ཚེགས་དང༌། གཞུང་དམ་པ་རྣམས་ཀྱི་སྐབས་ནས་འབྱུང་བའི་ཉེས་ལྟུང་དཔག་ཏུ་མེད་པ་བྱུང་བ་རྣམས་དགེ་འདུན་གྱི་མདུན་དུ་བྱིན་གྱིས་བརླབས་ཏེ། དེང་གསོ་སྦྱོང་བགྱིའོ།། སླད་ཀྱི་དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་བགྱིའོ།།

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་ལྟུང་བ་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པ་བཀའ་དྲིན་ཆེ་ལགས། 

Saturday, May 8, 2021

སྒྲོལ་དཀར་གྱི་རྒྱས་པའི་སྦྱིན་སྲེག་སྐབས་ཀྱི་སྤེལ་ཚིག


       (དང་པོ་མེ་ལྷའི་རྫས་སྔགས་དང་སྤེལ་ཚིག སྔོན་འགྲོའི་མར་ཁུ་ལ།) ཨོཾ་ཨགྣ་ཡེ་ཨ་དི་བྱཱ་དི་བྱཱ་ཨ་བི་ཤ་ཨ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱཱ་ཀ་བྱཱ་བཱ་ཧཱ་ནཱ་ཡེ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། 

(ཡམ་ཤིང་ལ།) ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་དུ་གྱུར།  ཨོཾ་ཨགྣ་ཡེ་ཨ་དི་བྱཱ་དི་བྱཱ་ཨ་བི་ཤ་ཨ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱཱ་ཀ་བྱཱ་བཱ་ཧཱ་ནཱ་ཡེ།  ཨོཾ་བོ་དྷི་པྲིཀྵ་ཡ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་པར་དུ་ཡང་གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།  

(མར་ཁུ་ལ། )  ཨོཾ་ཨགྣ་ཡེ་ཨ་དི་བྱཱ་དི་བྱཱ་ཨ་བི་ཤ་ཨ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱཱ་ཀ་བྱཱ་བཱ་ཧཱ་ནཱ་ཡེ།  ཨོཾ་ཨགྣ་ཡེ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་ པར་དུ་ཡང་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། 

(ཏིལ་ལ།)  ཨོཾ་ཨགྣ་ཡེ་ཨ་དི་བྱཱ་དི་བྱཱ་ཨ་བི་ཤ་ཨ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱཱ་ཀ་བྱཱ་བཱ་ཧཱ་ནཱ་ཡེ།  ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ། དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་ པར་དུ་ཡང་སྡིག་པ་འཇོམས་པའི་ནུས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།

(དུར་བ་ལ།)  ཨོཾ་ཨགྣ་ཡེ་ཨ་དི་བྱཱ་དི་བྱཱ་ཨ་བི་ཤ་ཨ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱཱ་ཀ་བྱཱ་བཱ་ཧཱ་ནཱ་ཡེ།  ཨོཾ་བཛྲ་ཨཱ་ཡུ་ཥེ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་ པར་དུ་ཡང་ཚེ་སྲིང་པའི་ ནུས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།

(འབྲས་ལ།)  ཨོཾ་ཨགྣ་ཡེ་ཨ་དི་བྱཱ་དི་བྱཱ་ཨ་བི་ཤ་ཨ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱཱ་ཀ་བྱཱ་བཱ་ཧཱ་ནཱ་ཡེ།  ཨོཾ་བཛྲ་པུཥྚིཾ་ཡ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་ པར་དུ་ཡང་བསོད་ནམས་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།

(ཞོ་ཟན་ལ།) ཨོཾ་ཨགྣ་ཡེ་ཨ་དི་བྱཱ་དི་བྱཱ་ཨ་བི་ཤ་ཨ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱཱ་ཀ་བྱཱ་བཱ་ཧཱ་ནཱ་ཡེ།  ཨོཾ་སརྦ་སཾ་བཱ་དེ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་ པར་དུ་ཡང་བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།

(ཀུ་ཤ་ལ།)  ཨོཾ་ཨགྣ་ཡེ་ཨ་དི་བྱཱ་དི་བྱཱ་ཨ་བི་ཤ་ཨ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱཱ་ཀ་བྱཱ་བཱ་ཧཱ་ནཱ་ཡེ།  ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་ པར་དུ་ཡང་བསྲུང་བ་ཕུན་སུམ་ཚོགས་པ་དང༌།  གྲིབ་དང་མི་གཙང་བ་འཇོམས་པའི་ནུས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།

(ཡུངས་ཀར་ལ།)  ཨོཾ་ཨགྣ་ཡེ་ཨ་དི་བྱཱ་དི་བྱཱ་ཨ་བི་ཤ་ཨ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱཱ་ཀ་བྱཱ་བཱ་ཧཱ་ནཱ་ཡེ།  ཨོཾ་སརྦ་ཨརྠ་སིདྡྷ་ཡེ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་པར་དུ་ཡང་བགེགས་འཇོམས་པའི་ནུས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།

(སོ་བ་ལ།)  ཨོཾ་ཨགྣ་ཡེ་ཨ་དི་བྱཱ་དི་བྱཱ་ཨ་བི་ཤ་ཨ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱཱ་ཀ་བྱཱ་བཱ་ཧཱ་ནཱ་ཡེ།  ཨོཾ་བཛྲ་བི་ཛཱ་ཡ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་ པར་དུ་ཡང་ནོར་དང་འབྲུ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།

(ནས་ལ།)  ཨོཾ་ཨགྣ་ཡེ་ཨ་དི་བྱཱ་དི་བྱཱ་ཨ་བི་ཤ་ཨ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱཱ་ཀ་བྱཱ་བཱ་ཧཱ་ནཱ་ཡེ།  ཨོཾ་མཧཱ་བེ་གཱ་ཡ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་ པར་དུ་ཡང་མྱུར་ བའི་ཤུགས་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།

(སྲན་མ་ལ།) ཨོཾ་ཨགྣ་ཡེ་ཨ་དི་བྱཱ་དི་བྱཱ་ཨ་བི་ཤ་ཨ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱཱ་ཀ་བྱཱ་བཱ་ཧཱ་ནཱ་ཡེ།  ཨོཾ་མཧཱ་བ་ལཱ་ཡ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་པར་དུ་ཡང་སྟོབས་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།

(གྲོ་ལ།)  ཨོཾ་ཨགྣ་ཡེ་ཨ་དི་བྱཱ་དི་བྱཱ་ཨ་བི་ཤ་ཨ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱཱ་ཀ་བྱཱ་བཱ་ཧཱ་ནཱ་ཡེ།  ཨོཾ་བཛྲ་གྷསྨ་རཱི།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་པར་དུ་ཡང་ནད་འཇོམས་པའི་ནུས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།

(ཁྱད་རྫས་ལ།) ཨོཾ་ཨགྣ་ཡེ་ཨ་དི་བྱཱ་དི་བྱཱ་ཨ་བི་ཤ་ཨ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱཱ་ཀ་བྱཱ་བཱ་ཧཱ་ནཱ་ཡེ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་པར་དུ་ཡང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།


       (གཉིས་པ་སྒྲོལ་དཀར་རྫས་སྔགས་དང་སྤེལ་ཚིག སྔོན་འགྲོའི་མར་ཁུ་ལ།) ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། 

(ཡམ་ཤིང་ལ།) ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་གི་རང་བཞིན་དུ་གྱུར།  ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཨོཾ་བོ་དྷི་བྲྀཀྵ་ཡ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་པར་དུ་ཡང་གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།  

(མར་ཁུ་ལ།)  ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཨོཾ་ཨགྣ་ཡེ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་ པར་དུ་ཡང་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། 

(ཏིལ་ལ།)  ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ། དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་ པར་དུ་ཡང་སྡིག་པ་འཇོམས་པའི་ནུས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།

(དུར་བ་ལ།)  ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ༠ཨོཾ་བཛྲ་ཨཱ་ཡུ་ཥེ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་ པར་དུ་ཡང་ཚེ་སྲིང་པའི་ ནུས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།

(འབྲས་ལ།)  ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཨོཾ་བཛྲ་པུཥྚིཾ་ཡ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་ པར་དུ་ཡང་བསོད་ནམས་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།

(ཞོ་ཟན་ལ།) ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཨོཾ་སརྦ་སཾ་བཱ་དེ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་པར་དུ་ཡང་བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།

(ཀུ་ཤ་ལ།)  ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་ པར་དུ་ཡང་བསྲུང་བ་ཕུན་སུམ་ཚོགས་པ་དང༌།  གྲིབ་དང་མི་གཙང་བ་འཇོམས་པའི་ནུས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།

(ཡུངས་ཀར་ལ།)  ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཨོཾ་སརྦ་ཨརྠ་སིདྡྷ་ཡེ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་པར་དུ་ཡང་བགེགས་འཇོམས་པའི་ནུས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།

(སོ་བ་ལ།)  ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཨོཾ་བཛྲ་བི་ཛཱ་ཡ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་ པར་དུ་ཡང་ནོར་དང་འབྲུ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།

(ནས་ལ།)  ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཨོཾ་མཧཱ་བེ་གཱ་ཡ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་ པར་དུ་ཡང་མྱུར་ བའི་ཤུགས་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།

(སྲན་མ་ལ།) ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ།  ཨོཾ་མཧཱ་བ་ལཱ་ཡ།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་པར་དུ་ཡང་སྟོབས་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།

(གྲོ་ལ།)  ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཨོཾ་བཛྲ་གྷསྨ་རཱི།  དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་པར་དུ་ཡང་ནད་འཇོམས་པའི་ནུས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།

(ཁྱད་རྫས་ལ།) ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་པ་འཕྲིན་ལས་དང༌།  བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་འབྱོར་པ་དང་གཟི་བརྗིད་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཤད་སྒྲུབ་དང༌། བསླབ་གསུམ་རིམ་གཉིས་ཀྱི་ཡོན་ཏན་ཐམས་ཅད་དང༌།  ཁྱད་པར་དུ་ཡང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ།