Wednesday, April 7, 2021

འཇིགས་བྱེད་བདག་བསྐྱེད་བསྡུས་པ་བཞུགས་སོ།།




༄༅། །ཁྱབ་བདག་འཇམ་པའི་རྡོ་རྗེ་གཤིན་རྗེའི་གཤེད།། རྒྱལ་བ་ཀུན་དངོས་རྗེ་བཙུན་ཙོང་ཁ་པ།། ཡབ་སྲས་བརྒྱུད་པར་བཅས་པ་ཐམས་ཅད་ལ།། གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ།། ༡   དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ།། སེམས་ཅན་ཐམས་ཅད་བདག་གིས་སྒྲོལ།། བྱང་ཆུབ་གནས་ལ་འགོད་པར་བགྱི།། བྱང་ཆུབ་སེམས་ནི་ཡང་དག་བསྐྱེད།། ༣ 

རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པའི་སྐུ་བཞེངས་པར་གྱུར། ༀ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཨཱཿལས་མི་མགོའ་ིསྒྱིད་བུ་གསུམ་གྱི་སྟེང་དུ་ཨ་ལས་བྱུང་བའི་ཐོད་པ་དཀར་པོ། དེའི་ནང་དུ་ཤ་ལྔ། བདུད་རྩི་ལྔ། དེ་དག་གི་སྟེང་དུ་ཨོཾ་ཨཱཿཧཱུཾ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རླུང་གཡོས། མེ་སྦར། ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ། ཡི་གེ་གསུམ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་བཀུག་ནས་ཐིམ་པ་ཐོད་པར་ལྷུང་སྟེ་ཞུ་བས་ཧཱུཾ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱཿས་བདུད་རྩིར་རྟོགས་པར་བྱས། ཨོཾ་གྱིས་མང་པོར་སྦར་ཞིང་སྤེལ་བར་གྱུར། ཨོཾ་ཨཱཿཧཱུཾ། ༣   ༀ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་པ་རྣམས་ཁྱད་པར་གསུམ་ལྡན་གྱི་ངོ་བོར་གྱུར། ཨོཾ་ཨརྒྷཾ། པདྱཾ། གནྡྷེ། པུཥྤེ། དྷུ་པེ། ཨ་ལོ་ཀེ །ནཻ་ཝི་དྱ། ཤཔྟ་ཨཱཿཧཱུཾ།

ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི། རྭ་བ། གུར། བླ་རེ། མེ་རི་དང་བཅས་པའི་ནང་དུ། གཞལ་ཡང་ཁང་གྲུ་བཞི་སྒོ་བཞི་པའི་དབུས་ སུ་སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གྱི་སྐུར་གྱུར། རང་འཇམ་དཔལ་དཔའ་བོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བདེ་བར་གཤེགས་པ་ཐམས་ཅད་དཔལ་རྡོ་ རྗེ་འཇིགས་བྱེད་ཀྱི་རྣམ་པར་སྤྱན་དྲངས། རང་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ སྐུ་མདོག་མཐིང་ནག་ཞལ་དགུ། ཕྱག་སོ་བཞི། ཞབས་བཅུ་དྲུག་པ་གཡས་བསྐུམས་ཤིང་། གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་གིས་མཚན་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཡེ་ཤེས་པ་རང་ལ་ཐིམ། དབང་ལྷས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར།   ཨོཾ་ཡ་མཱནྟ་ཀ་ཨརྒྷཾ། པདྱཾ། གནྡྷེ། པུཥྤེ། དྷུ་པེ། ཨ་ལོ་ཀེ །ནཻ་ཝི་དྱ། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ།   ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ།   གཟུགས་མཆོག་མཆོག་ཏུ་དྲག་ པོ་ཆེ།། དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན།། གདུལ་དཀའ་འདུལ་བའི་དོན་ མཛད་པ།། རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ།།   རང་གི་ཐུགས་ཀར་ཉི་ མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བར་གྱུར། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ༢༡   ཨོཾ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙྪ་ནཱི་རཱ་མ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ༢༡   ༀ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ།༡༠༨   ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ།༢༡   ཨོཾ་ཡ་མཱནྟ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཡ་མཱནྟ་ཀ་ཏེ་ནོ་པ་ཏིཥྠ། དྲི་ཌྷོ་མེ་བྷཱ་ཝ། སུ་ཏོ་ཥྱོ་མེ་བྷཱ་ཝ། སུ་པོ་ཥྱོ་མེ་བྷཱ་ཝ། ཨ་ནུ་རཀྟོ་མེ་བྷཱ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝ་ན། ཡ་མཱནྟ་ཀ་མ་མེ་མུ་ཉྩ། ཡ་མཱནྟ་ཀ་བྷཱ་ཝ་མཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ།   ཨོཾ་ཡ་མཱནྟ་ཀ་ཨརྒྷཾ། པདྱཾ། གནྡྷེ། པུཥྤེ། དྷུ་པེ། ཨ་ལོ་ཀེ། ནཻ་ཝི་དྱ། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ།   ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ།   གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ།། དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན།། གདུལ་དཀའ་འདུལ་བའི་དོན་མཛད་པ།། རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ།།

ༀ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཨཱཿལས་མི་མགོའ་ིསྒྱིད་བུ་གསུམ་གྱི་སྟེང་དུ་ཨ་ལས་བྱུང་བའི་ཐོད་པ་དཀར་པོ། དེའི་ནང་དུ་ཤ་ལྔ། བདུད་རྩི་ལྔ། དེ་དག་གི་སྟེང་དུ་ཨོཾ་ཨཱཿཧཱུཾ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རླུང་གཡོས། མེ་སྦར། ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ། ཡི་གེ་གསུམ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་བཀུག་ནས་ཐིམ་པ་ཐོད་པར་ལྷུང་སྟེ་ཞུ་བས་ཧཱུཾ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱཿས་བདུད་རྩིར་རྟོགས་པར་བྱས། ཨོཾ་གྱིས་མང་པོར་ སྦར་ཞིང་སྤེལ་བར་གྱུར། ཨོཾ་ཨཱཿཧཱུཾ།༣   མདུན་དུ་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་ཡེ་ཤེས་པའི་དཀྱིལ་འཁོར་ཕྱོགས་སྐྱོང་དང་བཅས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོ། ཡེ་ཤེས་པ་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དཀར་པོ་འོད་ཀྱི་སྦུ་གུ་ཅན་དུ་གྱུར་པས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ༀ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ་བཛྲ་བྷཻ་ར་ཝ་ཡ་ཨ་ཏི་པ་དྷི་ཨི་མཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ་སྭཱཧཱ།༣   ཨོཾ་ཡ་མཱནྟ་ཀ་ཨརྒྷཾ། པདྱཾ། གནྡྷེ། པུཥྤེ། དྷུ་པེ། ཨ་ལོ་ཀེ། ནཻ་ཝི་དྱ། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ།   ཨོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ།   གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ།། ཀུན་ལ་སྙོམས་མཛད་རྒྱལ་བ་ཀུན་གྱི་ཡབ།། ཆོས་ཀྱི་དབྱིངས་གྱུར་རྒྱལ་བ་ཀུན་གྱི་ཡུམ།། ཡེ་ཤེས་སེམས་དཔའ་རྒྱལ་བ་ཀུན་གྱི་སྲས།། ཕྱག་འཚལ་འཇམ་དཔལ་དཔལ་གྱུར་རྫོགས་པ་ཁྱོད།། ཆོས་ཀྱི་སྐུ་ལ་བྱམས་སྡང་མི་མངའ་ཡང་།། སྲིད་གསུམ་གདུག་པ་མ་ལུས་འདུལ་བའི་ཕྱིར།། ཐུགས་རྗེ་ཐབས་ཀྱི་ཁྲོ་རྒྱལ་སྐུར་བསྟན་པ།། འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།།   ཨོཾ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡཀྵེ་ཡ་ཙྪ་ནི་རཱ་མ་ཡ། ཧཱུཾ་ཧཱུཾ་ཕཊ་ ཕཊ་སྭཱཧཱ།༡  ཨོཾ་བྷུ་ཙ་ར་ན། ཡ་པཱ་ཏཱ་ལ་ཙ་ར་ཡ། མཱན་ཁེ་ཙ་ར་ཡ། ཏ་པཱུར་བ་ནི་གཱ་ནཾ། ཀ་དཀྵི་ཎ་དཱི་གཱ་ཡ། ཧཱུཾ་པཤྩི་མ་ནཾ། ཕཊ་ཨུཏྟ་ར་ཏི་གཱ་ཡ། ཨོཾ་ཨི། ཧྲཱིཾཿཡ། ཥྚྲཱིཿབ། ཝི་ཀྵི། ཀྲྀ་ཀོ། ཏཱ་ཨེ། ན་ཨ། ན་དེ། ཧཱུཾ་བྷྱོཿ ཕཊ་སརྦ་བྷུ་ཏེ་བྷྱཿ༣   ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ། པདྱཾ། གནྡྷེ། པུཥྤེ། དྷུ་པེ། ཨ་ལོ་ཀེ། ནཻ་ཝི་དྱ། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ།   ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུཾ།   བཅོམ་ལྡན་ཆོས་རྗེ་འཇམ་དབྱངས་སྤྱན་ལམ་དུ།། བདུད་འདུལ་བསྟན་པ་སྲུང་བར་ཞལ་བཞེས་པ།། ལས་ཀྱི་གཤིན་རྗེ་མ་མོ་མཁའ་འགྲོ་མ།། འབྱུང་པོ་རོ་ལངས་ཅི་བགྱིས་བཀའ་ཉན་ཚོགས།། ཕྱི་ནང་སྐྱོང་བའི་དམ་ཅན་མ་ལུས་ལ།། བདག་ནི་རེ་བའི་སེམས་ཀྱིས་འདུད་ཅིང་མཆིས།། ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱིས་བདག་གི་དགེ་བའི་བྱ་བ་རྣམས་མཐར་ཕྱིན་པ་དང་། དེའི་བར་ཆད་ཞི་བའི་འཕྲིན་ལས་མཛོད་ཅིག།   གཏོར་མགྲོན་འཁོར་བཅས་རང་གནས་སུ་གཤེགས། དུར་ཁྲོད་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་རང་ལ་ཐིམ། རང་ཡེ་ཤེས་སེམས་དཔའ་ ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ལ་ཐིམ། དེ་ཡང་འོད་གསལ་སྟོང་པ་ཉིད་དུ་ཐིམ་པར་གྱུར། སྟོང་པའི་ངང་ལས་རང་ཉིད་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པར་གྱུར།    

རྣམ་དག་བསམ་པའི་ཚུལ་འདིར་འབད་པ་ལས།། བྱུང་བའི་དགེ་བའི་མཐའ་ཡས་འགྲོ་བ་ཀུན།། སྐྱེ་ཞིང་སྐྱེ་བར་འཇམ་དབྱངས་ཞི་ཁྲོ་ཡིས།། འབྲལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག། ནམ་མཁའ་ཇི་སྲིད་སྐུ་ལྔའི་བདག་ཉིད་ཅན།། ཁ་སྦྱོར་བདུན་ལྡན་གོ་འཕང་མངོན་གྱུར་ནས།། མཐའ་དག་འགྲོ་འདི་གོ་འཕང་དེ་ཉིད་ལ།། སྐད་ཅིག་ཉིད་ལ་བདེ་བླག་འགོད་ པར་ཤོག།   རྩ་བརྒྱུད་བླ་མ་རྣམས་ཀྱིས་བཀྲ་ཤིས་ཤོག། ཡི་དམ་ལྷ་ཚོགས་རྣམས་ ཀྱིས་བཀྲ་ཤིས་ཤོག། མ་དང་མཁའ་འགྲོ་རྣམས་ཀྱིས་བཀྲ་ཤིས་ཤོག། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བཀྲ་ཤིས་ཤོག། 

(ཅེས་པ་འདི་ནི་ྋསྐྱབས་རྗེ་ཕ་བོང་ཁས་མཛད་པའོ།།   །།)

No comments:

Post a Comment