༄༅། །ན་མོ་བུདྡྷ་ཡ། འདིར་གསོ་སྦྱོང་གི་དུས་བརྗོད་ཚུལ་འདུལ་འཛིན་གྱི་གཞི་གསུམ་ཆོ་གའི་དགོངས་པ་བཞིན་ནག་འགྲོས་སུ་འགོད་པ་ལ།སྤྱིར་དུས་ཚིགས་ལ་གསུམ་དང་། བཞི་དང་། ལྔ་དང་། དྲུག་བཅས་ཡོད་པ་ལས།འདིར་ནི་ཕྱི་མ་ལྟར་ཕྱེ་བ་ཡིན་ལ། དྲུག་ནི། དགུན། དགུན་སྨད། དཔྱིད། སོ་ཀ །དབྱར། སྟོན་རྣམས་ཡིན་ལ། དེ་རེ་རེ་ལ་ཟླ་བ་གཉིས་གཉིས་ཡོད་དོ།། དེ་ཡང་འདུལ་བའི་ལུགས་ཀྱི་ལོ་འགོ་དགུན་ནས་འཛིན་ཅིང་། ཟླ་བ་ཡང་མར་ངོ་སྔོན་འགྲོར་མཛད་པས། བོད་ཟླ་བཅུ་པའི་མར་ངོའི་ཚེས་གཅིག་སྟེ་བོད་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་འདུལ་བའི་ལོ་འགོ་བཟུང་ངོ་།། དེ་ལྟར་ན་དགུན་ནི། ཟླ་བ་ ༡༠ ཚེས་ ༡༦ ནས་ཟླ་བ་ ༡༢ ཚེས་ ༡༥ བར། དགུན་སྨད་ནི། ཟླ་བ་ ༡༢ ཚེས་ ༡༦ ནས་ཟླ་བ་ ༢ ཚེས་ ༡༥ བར། དཔྱིད་ནི། ཟླ་བ་ ༢ ཚེས་ ༡༦ ནས་ཟླ་བ་ ༤ ཚེས་ ༡༥ བར། སོ་ཀ་ནི། ཟླ་བ་ ༤ ཚེས་ ༦ ནས་ཟླ་བ་ ༦ ཚེས་ ༡༥ བར། དབྱར་ནི། ཟླ་བ་ ༦ ཚེས་ ༡༦ ནས་ཟླ་བ་ ༨ ཚེས་ ༡༥ བར། སྟོན་ནི། ཟླ་བ་ ༨ ཚེས་ ༡༦ ནས་ཟླ་བ་ ༡༠ ཚེས་ ༡༥ བར་ཡིན། ཟླ་ཤོལ་འབྱུང་ན་ཟླ་བ་གང་གི་ཤོལ་ཡིན་པ་དེའི་དུས་ཚིགས་སུ་གཏོགས་པ་ཡིན།
དེ་རྣམས་ངེས་པར་བྱས་ནས་ད་ནི་དེའི་རིམ་པ་དང་མཐུན་པར་ལོ་གཅིག་ལ་དུས་འབྲེལ་གསོ་སྦྱོང་ཉི་ཤུ་རྩ་བཞི་འབྱུང་བ་རྣམས་ཀྱི་དུས་བརྗོད་ཚུལ་འགོད་པ་ནི།
༡ བོད་ཟླ་ ༡༠ མར་ངོའི་གསོ་སྦྱོང་ལ། ཚེ་དང་ལྡན་པ་དག །དུས་ཚིགས་ལ་དགུན། དགུན་སྨད། དཔྱིད། སོ་ཀ །དབྱར། སྟོན་དང་དྲུག་ཏུ་ཡོད་པ་ལས། སང་གི་སྐྱ་རེངས་ཤར་བ་ན། དགུན་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ།། ལྷག་མ་ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ།། ཞེས་བརྗོད་པར་བྱ་ཞིང་། དེ་བཞིན་དུ།
༢ བོད་ཟླ་ ༡༡ ཡར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། དགུན་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ།། ལྷག་མ་ཟླ་བ་གཅིག་ནི་ལུས་སོ།། ཞེས་དང་།
༣ བོད་ཟླ་ ༡༡ མར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། དགུན་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ།། ལྷག་མ་ཟླ་བ་ཕྱེད་ནི་ལུས་སོ།།
༤ བོད་ཟླ་ ༡༢ ཡར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། དགུན་རྣམས་ཀྱི་ཟླ་བ་གཉིས་ནི་འདས་སོ།། ལྷག་མ་ནི་མ་ལུས་སོ།།
༥ བོད་ཟླ་ ༡༢ མར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། དགུན་སྨད་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ།། ལྷག་མ་ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ།།
༦ བོད་ཟླ་ ༡ ཡར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། དགུན་སྨད་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ།། ལྷག་མ་ཟླ་བ་གཅིག་ནི་ལུས་སོ།།
༧ བོད་ཟླ་ ༡ མར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། དགུན་སྨད་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ།། ལྷག་མ་ཟླ་བ་ཕྱེད་ནི་ལུས་སོ།།
༨ བོད་ཟླ་ ༢ ཡར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། དགུན་སྨད་རྣམས་ཀྱི་ཟླ་བ་གཉིས་ནི་འདས་སོ།། ལྷག་མ་ནི་མ་ལུས་སོ།།
༩ བོད་ཟླ་ ༢ མར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། དཔྱིད་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ།། ལྷག་མ་ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ།།
༡༠ བོད་ཟླ་ ༣ ཡར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། དཔྱིད་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ།། ལྷག་མ་ཟླ་བ་གཅིག་ནི་ལུས་སོ།།
༡༡ བོད་ཟླ་ ༣ མར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། དཔྱིད་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ།། ལྷག་མ་ཟླ་བ་ཕྱེད་ནི་ལུས་སོ།།
༡༢ བོད་ཟླ་ ༤ ཡར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། དཔྱིད་རྣམས་ཀྱི་ཟླ་བ་གཉིས་ནི་འདས་སོ།། ལྷག་མ་ནི་མ་ལུས་སོ།།
༡༣ བོད་ཟླ་ ༤ མར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། སོ་ཀ་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ།། ལྷག་མ་ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ།།
༡༤ བོད་ཟླ་ ༥ ཡར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། སོ་ཀ་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ།། ལྷག་མ་ཟླ་བ་གཅིག་ནི་ལུས་སོ།།
༡༥ བོད་ཟླ་ ༥ མར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། སོ་ཀ་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ།། ལྷག་མ་ཟླ་བ་ཕྱེད་ནི་ལུས་སོ།།
༡༦ བོད་ཟླ་ ༦ ཡར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། སོ་ཀ་རྣམས་ཀྱི་ཟླ་བ་གཉིས་ནི་འདས་སོ།། ལྷག་མ་ནི་མ་ལུས་སོ།།
༡༧ བོད་ཟླ་ ༦ མར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། དབྱར་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ།། ལྷག་མ་ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ།།
༡༨ བོད་ཟླ་ ༧ ཡར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། དབྱར་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ།། ལྷག་མ་ཟླ་བ་གཅིག་ནི་ལུས་སོ།།
༡༩ བོད་ཟླ་ ༧ མར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། དབྱར་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ།། ལྷག་མ་ཟླ་བ་ཕྱེད་ནི་ལུས་སོ།།
༢༠ བོད་ཟླ་ ༨ ཡར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། དབྱར་རྣམས་ཀྱི་ཟླ་བ་གཉིས་ནི་འདས་སོ།། ལྷག་མ་ནི་མ་ལུས་སོ།།
༢༡ བོད་ཟླ་ ༨ མར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། སྟོན་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ།། ལྷག་མ་ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ།།
༢༢ བོད་ཟླ་ ༩ ཡར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། སྟོན་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ།། ལྷག་མ་ཟླ་བ་གཅིག་ནི་ལུས་སོ།།
༢༣ བོད་ཟླ་ ༩ མར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། སྟོན་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ།། ལྷག་མ་ཟླ་བ་ཕྱེད་ནི་ལུས་སོ།།
༢༤ བོད་ཟླ་ ༡༠ ཡར་ངོའི་གསོ་སྦྱོང་ལ། སང་གི་སྐྱ་རེངས་ཤར་བ་ན། སྟོན་རྣམས་ཀྱི་ཟླ་བ་གཉིས་ནི་འདས་སོ།། ལྷག་མ་ནི་མ་ལུས་སོ།། ཞེས་བརྗོད་པར་བྱའོ།།
དེ་རྣམས་ནི་སྤྱིར་བཏང་གི་དབང་དུ་བྱས་ལ། དམིགས་བསལ་ཤོལ་ཟླ་འབྱུང་སྐབས་དུས་བརྗོད་ཚུལ་མི་འདྲ་བའི་ཁྱད་པར་ནི། དཔེར་ན་འདི་ལོར་བོད་ཟླ་དགུ་པ་ལ་ཤོལ་ཟླ་ཡོད་པས། དེའི་དབང་དུ་བྱས་ནས་བརྗོད་པ་ནི།
༡ བོད་ཟླ་ ༨ མར་ངོའི་གསོ་སྦྱོང་ལ། སང་གི་སྐྱ་རེངས་ཤར་བ་ན། སྟོན་རྣམས་ཀྱི་ཤོལ་དང་བཅས་པའི་ཟླ་བ་ཕྱེད་ནི་འདས་སོ།། ལྷག་མ་ཟླ་བ་ཕྱེད་དང་གསུམ་ནི་ལུས་སོ།།
༢ བོད་ཟླ་ ༩ སྔ་མའི་ཡར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། སྟོན་རྣམས་ཀྱི་ཤོལ་དང་བཅས་པའི་ཟླ་བ་གཅིག་ནི་འདས་སོ།། ལྷག་མ་ཟླ་བ་གཉིས་ནི་ལུས་སོ།།
༣ བོད་ཟླ་ ༩ སྔ་མའི་མར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། སྟོན་རྣམས་ཀྱི་ཤོལ་དང་བཅས་པའི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ།། ལྷག་མ་ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ།།
༤ བོད་ཟླ་ ༩ ཕྱི་མའི་ཡར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། སྟོན་རྣམས་ཀྱི་ཤོལ་དང་བཅས་པའི་ཟླ་བ་གཉིས་ནི་འདས་སོ།། ལྷག་མ་ཟླ་བ་གཅིག་ནི་ལུས་སོ།།
༥ བོད་ཟླ་ ༩ ཕྱི་མའི་མར་ངོ་ལ། སང་གི་སྐྱ་རེངས་ཤར་བ་ན། སྟོན་རྣམས་ཀྱི་ཤོལ་དང་བཅས་པའི་ཟླ་བ་ཕྱེད་དང་གསུམནི་འདས་སོ།། ལྷག་མ་ཟླ་བ་ཕྱེད་ནི་ལུས་སོ།།
༦ བོད་ཟླ་ ༡༠ ཡར་ངོའི་གསོ་སྦྱོང་ལ། སང་གི་སྐྱ་རེངས་ཤར་བ་ན། སྟོན་རྣམས་ཀྱི་ཤོལ་དང་བཅས་པའི་ཟླ་བ་གསུམ་ནི་འདས་སོ།། ལྷག་མ་ནི་མ་ལུས་སོ།། ཞེས་བརྗོད་དོ།།
འདི་ནི་ཟླ་བ་དགུ་པ་ལ་ཤོལ་ཟླ་འབྱུང་བའི་དབང་དུ་བྱས་པ་སྟེ། ཟླ་བ་བཅུ་པ་ལ་ཤོལ་ཟླ་འབྱུང་ཡང་དུས་བརྗོད་ཚུལ་གོང་དུ་བཀོད་པ་དང་མི་འདྲ་བ་མེད་ལ། དེ་བཞིན་དུ་དུས་ཚིགས་གཞན་ལ་ཤོལ་ཟླ་འབྱུང་ན་འདིས་རིགས་བསྒྲེ་བར་བྱའོ།།
ཞེས་པ་ནི་སངས་རྒྱས་ཀྱི་བསྟན་པའི་གྲལ་མཐའ་བར་རློམ་པ་བཙུན་པ་བསྟན་དཔལ་བས་རང་དང་སྐལ་བ་མཉམ་པ་འགའ་ཞིག་ལ་ཕན་པའི་བསམ་པས་ཕྱི་ལོ་ ༢༠༢༡ ཟླ་བ་ ༦ ཚེས་ ༢༣ ཉིན་བསྒྲིགས་པ་ལགས། འདི་ཡང་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། །།