Monday, July 6, 2020

སྤྱོད་འཇུག་དང་འབྲེལ་བའི་བོད་ཀྱི་བསྟན་བཅོས་ཁག་གི་མཚན་བྱང་།



1. བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཤད་པ། ཇོ་བོས་མཛད་པར་གྲགས།
2. སྤྱོད་འཇུག་བསྡུས་དོན། ཕྱྭ་པ་ཆོས་ཀྱི་སེང་གེ (༡༡༠༩-༡༡༦༩)
3. སྤྱོད་འཇུག་གི་བསྡུས་དོན། བུ་སྟོན་རིན་ཆེན་གྲུབ། (༡༢༩༠-༡༣༦༤)
4. སྤྱོད་འཇུག་གི་བསྡུས་དོན་མཁས་པའི་མགུལ་རྒྱན། ས་བཟང་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན། (༡༢༩༤-༡༣༧༦)
5. སྤྱོད་འཇུག་ལས་གསུངས་བའི་ཡན་ལག་བདུན་པ་བྱ་ཚུལ། དངུལ་ཆུ་ཐོགས་མེད་བཟང་པོ་དཔལ། (༡༢༩༥-༡༣༦༩)
6. སྤྱོད་འཇུག་གི་དཀའ་བའི་བཤད་ཡམས་གསལ་བྱེད་མཁས་པའི་རྒྱན་རིན་པོ་ཆེའི་གཏེར། གྲོ་སྟོན་ཀུན་དགའ་རྒྱལ་མཚན། (༡༣༣༨-༡༤༠༠)
7. སྤྱོད་འཇུག་གི་གཞུང་འདོན་ཐབས་བྱིན་རླབས་ཆུ་རྒྱུན། ཁལ་ཁ་སྦ་རི་དམ་ཚིག་རྡོ་རྗེ། (༡༧༨༡-༡༨༥༥)
8. སྤྱོད་འཇུག་གི་སྒོམ་རིམ་རིན་ཆེན་རྒྱན་ཕྲེང་། རོང་སྟོན་ཤེས་བྱ་ཀུན་རིག (༡༣༦༧-༡༤༤༩)
9. སྤྱོད་འཇུག་གི་སྒོམ་རིམ་རབ་གསལ་ཉི་མ། རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། (༡༨༠༨-༡༨༨༧)
10. སྤྱོད་འཇུག་ས་བཅད་དོན་གསལ་མེ་ལོང་། (གོང་མཚུངས།)
11. སྤྱོད་འཇུག་ཤེས་རབ་ལེའུའི་དཀའ་འགྲེལ་ལུང་རིགས་འོད་སྣང་། གླག་བླ་བསོད་ནམས་ཆོས་འགྲུབ། (༡༨༦༢-༡༩༤༤)
12. སྤྱོད་འཇུག་ཤེས་རབ་ལེའུའི་དོན་གསལ་བར་བཤད་པ་རྟེན་འབྱུང་གཏམ་གྱི་རིན་ཆེན། རོང་ཐ་བློ་བཟང་དམ་ཆོས་རྒྱ་མཚོ། (༡༨༦༥-༡༩༡༧)
13. སྤྱོད་འཇུག་གི་དཀའ་གནས་གསལ་བར་བྱེད་པ་བཻཌཱུརྱ་དབང་པོའི་མེ་ལོང་། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ། (༡༨༦༥-༡༩༢༦)
14. བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བ་བཀའ་མཆན་ཐོར་བུ། ཕ་བོང་ཁ་པ་བདེ་ཆེན་སྙིང་པོ། (༡༨༧༨-༡༩༤༡)
15. སྤྱོད་འཇུག་ཏུ་དྲངས་རྒྱུའི་ལུང་བཏུས་རིན་ཆེན་ཕྲེང་བ། (གོང་མཚུངས།)
16. སྤྱོད་འཇུག་གི་ཀླད་དོན། (གོང་མཚུངས།)
17. སྤྱོད་འཇུག་བཟོད་ལེའི་གཙོ་བོ་དགག་པ། (གོང་མཚུངས།)
18. བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ས་བཅད་མདོར་བསྡུས། དཔྱི་ས་བློ་གྲོས་རྒྱ་མཚོ། (༡༨༩༠-༡༩༥༩)
19. སྤྱོད་འཇུག་ལ་བསྟོད་པ་མནྡཱ་རའི་ཕྲེང་བ། སྙན་དགོན་སྤྲུལ་སྐུ་གསུང་རབ། (༡༩༠༣-༡༩༥༧)
20. བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྒྲུང་འགྲེལ། དབང་ཕྱུག་རིན་ཆེན།

No comments:

Post a Comment