Monday, March 15, 2021

དགེ་ཚུལ་དང་འབྲེལ་བའི་ཆེད་རྩོམ་རྣམས་ཀྱི་མཚན་བྱང་།

 


༄༅།   །དགེ་ཚུལ་དང་འབྲེལ་བའི་ཆེད་རྩོམ་ཕྲན་ལ་རྙེད་པ་རྣམས་ཀྱི་མཚན་བྱང་། 


དགེ་ཚུལ་སུམ་བརྒྱ་པ་རྩ་འགྲེལ་ཁག 

  1. འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པ། སློབ་དཔོན་ཤཱཀྱ་འོད། དུས་རབས་ 8 པ།
  2. རང་འགྲེལ་འོད་ལྡན། སློབ་དཔོན་ཤཱཀྱ་འོད། དུས་རབས་ 8 པ། 
  3. ཚིག་ལེའུར་བྱས་པ་སུམ་བརྒྱ་པའི་རྣམ་པར་བཤད་པ། སློབ་དཔོན་དུལ་བའི་ལྷ།
  4. སུམ་བརྒྱ་པའི་ཊཱི་ཀ (བྲིས་མ། རྒྱ་འདུལ་འཛིན་སློབ་བརྒྱུད་དགེ་སློང་ཚུལ་ཁྲིམས་རྒྱལ་པོའི་(དུས་རབས་ 11/12་པ།
  5. འདུལ་བ་འོད་ལྡན་གྱི་ཊཱིཀྐ། (བྲིས་མ།བྱ་འདུལ་འཛིན་བརྩོན་འགྲུས་འབར། 1100-1174
  6. སུམ་བརྒྱ་པའི་རྣམ་བཤད་ཚིག་དོན་གསལ་བ། (བྲིས་མ།ཕྱྭ་པ་ཆོས་ཀྱི་སེང་གེ1109-1169 
  7. འགྲེལ་པ་འོད་ལྡན་གྱི་ཚིག་དོན་གསལ་བྱེད། (བྲིས་མ།སྦལ་ཏི་ཆེན་པོ་བརྩོན་འགྲུས་དབང་ཕྱུག 1129-1215 
  8. སུམ་བརྒྱ་པའི་རྣམ་བཤད། (བྲིས་མ།བྱ་འདུལ་འཛིན་གྱི་དངོས་སློབ་དགེ་སློང་ཆོས་ཀྱི་དབང་ཕྱུག དུས་རབས་ 12 པ།
  9. ཚིག་ལེའུར་བྱས་པ་སུམ་བརྒྱ་པའི་དོན་གསལ་བར་བྱེད་པ། (བྲིས་མ།མངའ་རིས་པ་ནམ་མཁའ་བསོད་ནམས། 
  10. འགྲེལ་པ་འོད་དང་ལྡན་པའི་བསྡུས་དོན།(དཔེ་རྙིང་བྲིས་མ།མཛད་བྱང་མི་གསལ།
  11. དགེ་ཚུལ་གྱི་ཚིག་ལེའུ་བྱས་པ་མཆན་བུས་གསལ་བ། འབྲི་གུང་བ་རིག་འཛིན་ཆོས་གྲགས། 1595-1659 
  12. སུམ་བརྒྱ་པའི་མཆན་འགྲེལ། མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ། 1871-1927
  13. སུམ་བརྒྱ་པའི་རྣམ་བཤད་ཤཱཀྱ་འོད་ཀྱི་དགོངས་རྒྱན། མགོ་ལོག་མཁན་པོ་རིག་འཛིན་དར་རྒྱས། 1967-
  14. སུམ་བརྒྱ་པའི་བསྡུས་དོན་དཀའ་འགྲེལ་སེངྒེ་འགྱིང་ཚུལ། འཛི་སྒར་མཁན་ཕོ་འཕྲིན་ལས་རྡོ་རྗེ། 1971-


དགེ་ཚུལ་ལྔ་བཅུ་པ་རྩ་འགྲེལ་ཁག

  1. འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལྔ་བཅུ་པ། འཕགས་པ་ཀླུ་སྒྲུབ།
  2. དགེ་སྦྱོང་གི་ལྔ་བཅུ་པ་མདོ་ཙམ་དུ་བཤད་པ། སློབ་དཔོན་ཀ་མ་ལ་ཤཱི་ལ། 
  3. ལྔ་བཅུ་པའི་འགྲེལ་པ་ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་དགེ་ཚུལ་གྱི་བྱ་བ། སྡེ་བསྟན་དཀར་ཆག་ཏུ། འདི་བོད་ཀྱི་མཁན་པོ་ཆེན་པོ་དག་གི་བརྗེད་བྱང་ཡིན་པ་འདྲའོ།།ཞེས་གསུངས། 
  4. དགེ་ཚུལ་གྱི་བསླབ་པའི་ཚིག་ལེའུར་བྱས་པ་ལྔ་བཅུ་པའི་འགྲེལ་པ་ཐར་པའི་ལམ་གྱི་སྒྲོན་མེ། ཞྭ་དམར་ཆོས་གྲགས་ཡེ་ཤེས།1453-1524 
  5. དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལྔ་བཅུ་པའི་མཆན་འགྲེལ་ནོར་བུའི་ཕྲེང་བ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།1846-1912 
  6. དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལྔ་བཅུ་པ་ཞེས་བྱ་བའི་མཆན་འགྲེལ། མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ། 1871-1927
  7. དགེ་ཚུལ་ཀཱ་རི་ཀཱ་ལྔ་བཅུ་པའི་འགྲེལ་པ། གཞོན་ནུ་ཀུན་དགའ། 
  8. དགེ་ཚུལ་ལྔ་བཅུ་པའི་ཁྲིད་ཟིན་ཚུལ་ཁྲིམས་གསལ་བའི་ཉིན་བྱེད། འཛི་སྒར་མཁན་པོ་འཕྲིན་ལས་རྡོ་རྗེ།1971-
  9. དགེ་ཚུལ་ལྔ་བཅུ་པའི་འགྲེལ་པ་སྡོམ་ལྡན་གཞོན་ནུའི་དགའ་སྟོན། མཁན་པོ་ཚུལ་ཁྲིམས་རྣམ་རྒྱལ། དུས་རབས་20པ།  


དགེ་ཚུལ་དང་འབྲེལ་བའི་ཆོས་སྐོར་ཐོར་བུ། 

  1. དགེ་ཚུལ་གྱི་བསླབ་པའི་གཞིའི་མདོ།སློབ་དཔོན་ཀལྱཱཎ་མི་ཏྲ། 
  2. དགེ་ཚུལ་གྱི་དང་པོའི་ལོ་དྲི་བ། སློབ་དཔོན་པད་མ།
  3. དགེ་ཚུལ་རྣམས་ཀྱི་བསླབ་པའི་རིམ་པ་སྟོན་པའི་རྣམ་བཤད། ཕྱྭ་པ་ཆོས་སེང་གེ1109-1169
  4. དགེ་ཚུལ་གྱི་བསླབ་བྱ་གནམ་རྩེད་ལྡེང་མ། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། 1357-1419
  5. དགེ་ཚུལ་གྱི་ལྡོག་པ་དང་འཇུག་པའི་ཚུལ་ཁྲིམས་རྣམ་བཤད། འདུལ་འཛིན་གྲགས་པ་རྒྱལ་མཚན། 1374-1434

  6. དགེ་ཚུལ་གྱི་བསླབ་བྱ་རགས་སྡོམ་བཅུའི་འབྲུ་འགྲེལ། ངོར་ཆེན་ཀུན་དགའ་བཟང་པོ།1382-1456
  7. དགེ་ཚུལ་གྱི་བསླབ་བྱ་མདོར་བསྡུས་པ་སློབ་པའི་དགའ་བ་བསྐྱེད་པ། ཞྭ་དམར་ཆོས་གྲགས་ཡེ་ཤེས། 1453-1524
  8. དགེ་བསྙེན་དང་དགེ་ཚུལ་དུ་སྒྲུབ་པའི་ཆོ་ག་ཉེར་མཁོ་ཀུན་གསལ། བདག་ཆེན་ཀུན་དགའ་བསོད་ནམས། 1597-1659
  9. དགེ་ཚུལ་གྱི་བསླབ་བྱའི་སྡོམ་ཚིག  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། 1713-1793 
  10. དགེ་ཚུལ་གྱི་བསླབ་བྱའི་སྡོམ་ཚིག་གི་རང་འགྲེལ་འོད་ལྡན་སྙིང་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། 1713-1793 
  11. དགེ་ཚུལ་གྱི་སྡོམ་པའི་བཅས་མཚམས་བསྲུང་ཚུལ་ལྟུང་བའི་ཆུ་ལོན། གུ་གེ་ཡོངས་འཛིན་བློ་བཟང་བསྟན་འཛིན་རྒྱ་མཚོ།1748-1813
  12. དགེ་ཚུལ་གྱི་བསླབ་བྱ་དོན་གསུམ་དུ་བསྡུས་པ། སྟག་ལུང་པ་སངས་རྒྱས་དབོན་གྲགས་པ་དཔལ། 1251 -1296
  13. དགེ་ཚུལ་གྱི་བསླབ་བྱ་ཉུང་བསྡུས། གླག་བླ་བསོད་ནམས་ཆོས་འགྲུབ། 1862-1944
  14. དགེ་ཚུལ་གྱི་བསླབ་བྱ་གསལ་བར་བཤད་པ་དགེ་ལེགས་པདྨ་འབྱེད་པའི་སྣང་བ།རོང་ཐ་ཆུང་ཚང་བློ་བཟང་དམ་ཆོས་རྒྱ་མཚོ།1865-1917
  15. དགེ་ཚུལ་གྱི་བསླབ་བྱ་ཚུལ་ཁྲིམས་རྣམ་པར་དག་པའི་བསིལ་ཁང། བྲག་དཀར་བློ་བཟང་དཔལ་ལྡན་བསྟན་སྙན་གྲགས།1866-1928 
  16. དགེ་ཚུལ་གྱི་བླང་དོར་སོ་དྲུག་གི་ཕྱོགས་མཐུན་ངོས་འཛིན་གསལ་བར་བཀོད་པ།བྲག་དཀར་བློ་བཟང་དཔལ་ལྡན་བསྟན་སྙན་གྲགས། 1866-1928 
  17. བླང་འདས་སོ་དྲུག་གི་ཉེས་པ་སྲུང་བའི་དགེ་ཚུལ་གྱི་བསླབ་པ་བླངས་པ། དབང་མདའ་གྱང་སྤྲུལ་དོན་གྲུབ་རྡོ་རྗེ། 1892-1960 
  18. དགེ་ཚུལ་གྱི་བསླབ་བྱ་ངོས་འཛིན་དང་འབྲེལ་བའི་སྒོ་ནས་བཤགས་སྡོམ་བྱ་ཚུལ་དག་བྱེད་གངྒཱའི་ཆུ་རྒྱུན། སེ་ར་སྔགས་པ་མཁན་པོ་ཚུལ་ཁྲིམས་དར་རྒྱས། དུས་རབས་ 19 པ། ?
  19. དགེ་ཚུལ་གྱི་བསླབ་བྱ་ཐར་ལམ་གསལ་སྒྲོན། རི་བོ་ཆེ་རྗེ་དྲུང་བྱམས་པ་འབྱུང་གནས།དུས་རབས་ 19 པ།
  20. དགེ་ཚུལ་ཀྱི་བསླབ་བྱ་རྣམ་གྲངས་བློ་གསར་འཇུག་བདེ། རྫོགས་ཆེན་མཁན་པོ་ཐུབ་བསྟན་བརྩོན་འགྲུས། 1920-1979
  21. དགེ་ཚུལ་གྱི་བསླབ་བྱ་བླང་འདས་སོ་དྲུག་བློ་རྟེན་ཙམ། ཞི་ལི་མཁན་པོ་བསྟན་འཛིན་བཟང་པོ།1928-1995
  22. དགེ་ཚུལ་ཕྱིར་བཅོས་ཀྱི་མཆན་འགྲེལ་གསེར་གྱི་མེ་ལོང་། སེར་བྱེས་ཏྲེ་ཧོར་དགེ་བཤེས་བློ་བཟང་གྲགས་པ། 1969- 
  23. བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསོ་སྦྱོང་གི་ཆོ་ག་དགེ་ཚུལ་ཕྱིར་བཅོས་སྙན་གསན་དང་བཅས་པ། གནས་ཆུང་སྒྲ་དབྱངས་གླིང་གི་ཕྱག་བཞེས། 


No comments:

Post a Comment