༄༅། །ནམོམུཎེནྡྲཡ། སྤང་ལྟུང་ཐུན་མོང་བའི་མདོ་ཚན་བཅུ་བདུན་གྱི་ཚིག་དོན་མཚོ་ཊཱིཀ་ལས་བྱུང་བ་རྣམས་མཆན་འགྲེལ་གྱི་རྣམ་པས་གསལ་བར་བྱ་བ་ལ། ས་བཅད་ལྔ་ལས།
དང་པོ་དུས་འབྲེལ་གྱི་ཐུན་མོང་བའི་མདོ་ཚན་བཞི་ནི།
༡༽ (ཀ) ཆོས་གོས་ཞག་བཅུ་འཆང་བ་ལ་སོགས་པ་རྣམས་ཀྱི་ཞག་གྲངས་ཐོག་མའི་ཞག་གཅིག་གི་ཚད་ཇི་ཙམ་ཞེ་ན། ཚེས་གཅིག་ལ་གོས་རྙེད་ན་ཚེས་གཅིག་གི་ཉིན་མཚན་གྱི་དང་པོ་མ་ཡིན་པ་སྟེ་ཚེས་གཅིག་གི་མཚན་མོ་མཐའི་སྐད་ཅིག་ཉིད་ལ་ཞག་གྲངས་དང་པོའི་ཞག་གཅིག་ཏུ་བརྩི་བ་དེ་ལ། མཚན་མོའི་སྐད་ཅིག་ཐ་མ་མ་ཡིན་པ་སྟེ་ཐུན་ཚོད་སྔ་མ་རྣམས་ནི་ངེས་གཟུང་གི་ཡན་ལག་ཏུ་མེད་པ་ཉིད་དོ།། དོན་དེ་ལྟར་ཊཱིཀྐ་ལས་བཤད་དོ།།
(ཁ) འདི་ལ་བླ་མ་རྣམས་ནི། ཆོས་གོས་ཞག་བཅུ་འཆང་བ་ལྟ་བུའི་ཞག་གྲངས་ཐ་མའི་ཉིན་མཚན་གྱི་དང་པོ་མ་ཡིན་པ་སྟེ་མཐའི་སྐད་ཅིག་མཐར་ཐུག་གི་ཡན་ལག་ཡིན་ལ། ཐ་མ་མ་ཡིན་པ་སྟེ་ཐུན་ཚོད་སྔ་མ་རྣམས་ནི་མཐར་ཐུག་གི་ཡན་ལག་ཏུ་མེད་པ་ཉིད་དོ།། ཞེས་ཀྱང་འཆད་དོ།།
༢༽ ཡུལ་རྟེན་ལྷན་ཅིག་ཏུ་གནས་པ་དང་འབྲེལ་བ་བདུན་ལ་ནི་མཐའི་སྐད་ཅིག་གི་སྔ་རོལ་རྣམས་སྦྱོར་བའི་ཉེས་བྱས་ཀྱི་སྣོད་དམ་རྟེན་ཉིད་དོ།།
༣༽ འཆང་འབྲལ་ལྟ་བུའི་སྐབས་སུ་ཞག་དེའི་དང་པོ་ནི་སྐྱ་རེངས་དང་པོའི་སྐད་ཅིག་དང་པོ་དེའོ།།
༤༽ གསོ་སྦྱོང་དང་དགག་དབྱེ་ལ་སོགས་པ་ཚེས་གྲངས་ངེས་པ་དང་འབྲེལ་བའི་ལས་ལ་ནི་བརྗེད་པ་སོགས་ཀྱིས་དུས་འདས་ཤིང་ཡོལ་བར་གྱུར་ན་ཉི་མ་ཤར་བའི་སྐད་ཅིག་དེ་ཉིན་ཞག་དེའི་དང་པོའོ།།
གཉིས་པ་བདག་འབྲེལ་གྱི་ཐུན་མོང་བའི་མདོ་ཚན་བཞི་ནི།
༥༽ བདག་པོ་དང་འབྲེལ་བའི་སྤང་བའི་ལྟུང་བྱེད་བཅོ་བརྒྱད་པོ་ལ་ནི་རང་གི་ཡིན་པའི་འདུ་ཤེས་ལས་གཙོ་ཆེར་གྱུར་པ་དང་རང་གི་ཡིན་པ་ཡན་ལག་ཉིད་དོ།།
༦༽ རང་གི་ཉིད་དེ་ནི་གཞན་ལ་བསམ་པ་ཐག་པ་ནས་བསྔོས་པ་ཉིད་ན་རང་དབང་བ་དང་བྲལ་བ་ཉིད་དོ།།
༧༽ ལྷུང་བཟེད་ལ་སོགས་པ་རབ་ཏུ་བྱུང་བ་གང་ཡང་རུང་བའི་དོན་དུ་སྦྱིན་པར་ངེས་པར་བྱས་པ་ཡང་བསྔོས་པ་དེ་ཉིད་དོ།།
༨༽ ལྷུང་བཟེད་དུ་མ་ཟད་ཆོས་གོས་ལས་ཀྱང་ལྷག་པའི་ཡོ་བྱད་ལ་སོགས་པར་རྣམ་པར་བརྟགས་པ་སྟེ་བྱིན་གྱིས་བརླབས་ན་རང་གི་ཉིད་དང་བྲལ་བའོ།།
གསུམ་པ་ཤན་དང་འབྲེལ་བའི་ཐུན་མོང་བའི་མདོ་ཚན་ལྔ་ནི།
༩༽ བསྔོས་པའི་རྣམ་པར་བརྟགས་པ་འདི་ལ་རང་གི་ཉིད་དང་བྲལ་ཞིང་ཉམས་པར་མ་ཟད་དེའི་རྗེས་སུ་ཞུགས་པ་སྟེ་གཞན་ལ་ཤན་འབྱུང་བ་ཉིད་ཀྱང་ཉམས་པ་ཡིན་ནོ།།
༡༠༽ ཞག་ཚོགས་པའི་བར་སྐབས་སུ་སྨྱོ་བ་ལ་སོགས་པ་ཤེས་པ་རང་བཞིན་དུ་གནས་པ་ལས་ཉམས་ན་ཡང་ངོ་སྟེ་རང་སྟོབས་ཀྱི་ལྟུང་བ་འབྱུང་བ་ཉམས་པར་མ་ཟད་རྗེས་སུ་ཞུགས་པ་ཉིད་ཀྱང་ཉམས་པ་ཡིན་ནོ་ཞེས་སྔ་མར་སྦྱར་རོ།།
༡༡༽ གོས་སམ་ལྷུང་བཟེད་སྔར་རྙེད་པ་བྱིན་གྱིས་མ་བརླབས་པ་དེ་ཡོད་ན་ཕྱིས་རྙེད་པའི་དངོས་པོ་བཅས་པ་རིགས་མཐུན་དེ་ལྟ་བུ་གཞན་ལ་ཡང་ཞག་ཤན་གྱི་ལྟུང་བ་འབྱུང་བ་ཉིད་དོ།།
༡༢༽ འབྲུ་མར་ལ་སོགས་པ་ཞག་བདུན་པ་ཉིད་དུ་བྱིན་གྱིས་བརླབས་པ་ལ་ནི་བཅས་པ་རིགས་མཐུན་པ་ཙམ་གྱིས་མི་ཆོག་གི་གཞི་རིགས་མཐུན་པ་ལ་ཤན་འབྱུང་བ་ཉིད་དོ་ཞེས་སྔ་མར་སྦྱར་བའོ།།
༡༣༽ སྤང་ལྟུང་དངོས་གཞིའི་ལྟུང་བ་དེ་ཡོད་ན་རིགས་མཐུན་པའམ་རིགས་མི་མཐུན་པའི་ཡོ་བྱད་ཙམ་ཕྱིས་རྙེད་ཅིང་བདག་གིར་བྱས་པ་ཐམས་ཅད་ལ་སྤང་ཤན་འབྱུང་བས་སྤང་བར་བྱ་དགོས་པ་ཉིད་དོ།།
བཞི་པ་ཕྱིར་བཅོས་དང་འབྲེལ་བའི་ཐུན་མོང་བའི་མདོ་ཚན་གསུམ་ནི།
༡༤༽ གོས་ཁྲུ་གང་ཁོར་ཡུག་ལས་ཆུང་བ་ཉིད་ཀྱི་དུམ་བུ་དེ་ནི་སྤང་དགོས་པ་ཉིད་དུ་མི་འགྱུར་རོ།།
༡༥༽ བགོ་རིས་སུ་མ་བཅད་པའི་དགེ་འདུན་གྱི་དངོས་པོ་ཡང་ངོ་སྟེ་སྤང་དགོས་པ་ཉིད་དུ་མི་འགྱུར་རོ།།
༡༦༽ སྤང་བར་བྱ་བ་འདི་ལ་དངོས་པོ་དེ་ཚིག་གམ་གཏོར་བས་གང་ཟག་དེ་ལ་མེད་པ་དེ་ཉིད་སྤང་བའི་གཙོ་བོའོ།། དེས་ན་ལྟུང་བ་དེ་བཤགས་པ་ན་ཞག་གི་ཆད་ལས་ལ་ལྟོས་མི་དགོས་སོ།།
ལྔ་པ་སྤང་བ་དང་པོ་གསུམ་དང་འབྲེལ་བའི་ཐུན་མོང་བའི་མདོ་ཚན་གཅིག་ནི།
༡༧༽ འཆང་འབྲལ་འཇོག་པའི་ལྟུང་བ་འདི་གསུམ་ནི་ཆོས་གོས་གསུམ་ཚང་བར་སྲ་བརྐྱང་བཏིང་བ་ལ་བཏིང་བར་ཤེས་བཞིན་སྲ་བརྐྱང་གི་བྱིན་རླབས་ཆགས་ལ་མ་ཞིག་པ་དང་ལྡན་པའི་དགེ་སློང་ལ་མི་འབྱུང་ངོ་།།
སྤང་ལྟུང་ཐུན་མོང་བའི་མདོ་ཚན་བཅུ་བདུན་གྱི་ཚིག་དོན་མཚོ་ཊཱིཀ་ལས་བྱུང་བ་རྣམས་མཆན་འགྲེལ་གྱི་ཚུལ་དུ་བསྒྲིགས་ཤིང་། གཞུང་དོན་ངེས་སླ་བའི་ཕྱིར་སྣོན་འཕྲི་ཉུང་ཟད་དང་བཅས་པ་འདི་ནི་དོན་གཉེར་ཅན་འགའ་ཞིག་གི་རེ་འདུན་ལྟར་བཙུན་པ་དབྱངས་ཅན་འབངས་ཀྱིས་ཕྱི་ལོ་༢༠༢༠ ཟླ་བ་ ༦ ཚེས་ ༡༩ ལ་སུག་ལས་སུ་བགྱིས་པ་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག། །།

No comments:
Post a Comment